གཞི་རིམ་མི་མང་གི་ས་ཡིག་བསྡུ་རུབ། The Advocacy of General Public
  • ༄༅།།གཞི་རིམ་མི་མང་གི་ས་ཡིག་བསྡུ་རུབ་ཀྱི་གསལ་བསྒྲགས།       

    གོ་ལའི་ཕྱོགས་ཡོངས་སུ་གནས་བཅས་པའི་ཆོལ་གསུམ་གྱི་སྤུན་གྲོགས་ཡོངས་ལ་ཞུ་རྒྱུར། སྐབས་༡༧པའི་གྲོགས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ བཀའ་དགོངས་ལ་བརྩི་སྲུང་ཡང་དག་པ་མ་ཞུས་པ་དང་། ནུས་མེད་དུ་སོང་ཟིན་པའི་ཡིག་ཆ་ཨང་ ༣༩ ཟེར་བ་གྲོས་ཚོགས་ཀྱི་རྭ་བའི་ནང་དུ་ཁྱེར་ཡོང་བ། སྤྱི་འཐུས་དེ་དག་གི་གནོན་ཤུགས་ཀྱིས་ཆེས་མཐོའི་ ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་མ་ཐུབ་པ་དང་།འཛིན་སྐྱོང་ལ་བཀའ་བློན་ཆ་ཚང་བ་བསྐོས་བཞག་མ་ཐུབ་པ། དགོས་ངེས་ཀྱི་ཁྲིམས་སྒྲིག་སྐྱར་བཅོས་མ་ཐུབ་པ་བཅས་ལ་བརྟེན། གཞི་རིམ་མི་མང་གིས་རེ་འབོད་དོན་ཚན་བཞི་ཅན་ཞིག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༧ ཉིན། མི་ངོ་ཆེད་བཅར་གྱིས་ཚོགས་དྲུང་ལས་ཁུངས་བརྒྱུད་དཔལ་ལྡན་ཚོགས་གཙོ་མཆོག་ལ་འབུལ་ལམ་ཞུས་རུང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་མི་གྲངས་བརྒྱ་ཡི་ཕུལ་བའི་སྙན་ཞུ་ལ་ཡིག་འཁྱམས་ཀྱི་མིང་ཆད་ཞིག་མགོ་ལ་གཡོགས་ཏེ་བདག་སྤྲོད་མ་གནང་བའི་ཁར་མངོན་སུམ་དང་འགལ་བའི་རྒྱུ་མཚན་འགའ་དྲངས་ཏེ་བཀའ་རལ་གྲི་གནམ་གཡུག་གི་སྡོམ་ཚིག་ཞིག་བཀོད། དབང་མེད་ཐབས་མེད་ཀྱི་སྐབས་དེར། ང་ཚོས་ཚོགས་གཙོ་མཆོག་གིས་ཐག་གཅོད་གང་གནང་ལ་ཡིག་ཐོག་ནས་དགོས་པའི་འབོད་བསྐུལ་ནན་ཆེར་ཞུས་ཀྱང་བདག་སྤྲོད་མ་བྱུང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཞལ་ནས་གང་གསུངས་ལ་ཡིག་ཐོག་ཏུ་འགོད་མ་ནུས་པའི་གནས་ལུགས་དང་གནང་ལུགས་དེས་ང་ཚོ་ཡང་ངོ་ནོངས་དགོས་པ་བྱུང་། ང་ཚོ་མི་མང་གི་རེ་འབོད་བདག་སྤྲོད་ཡོང་ཕྱིར་ཐེངས་དྲུག་ཙམ་ཚོགས་དྲུང་ལས་ཁུངས་སུ་བཅར་རུང་དོན་ཕན་གང་ཡང་མ་བྱུང་། ཕྱི་ཟླ་ ༡༡ ཚེས་ ༠༧ ཉིན་ཚོགས་གཙོ་སྦྲེལ་པོ་མཇལ་རྒྱུའི་གོ་སྐབས་ཞིག་གནང་བྱུང་རུང་རྣམ་པ་གཉིས་ཀ་མཛད་བྲེལ་ཆེ་བ་དང་། ང་ཚོས་བདེ་སྡུག་གི་སྙན་ཞུ་ལ་བསྡུའི་གྲྭའི་རིག་པ་ཞེས་ཚོགས་གཙོ་མཆོག་གིས་ཁྱད་གསོད་དང་སྣང་མེད་ ཀྱིས་གསུང་ལན་ཚུལ་བཞིན་མ་བསྐྱོན་པ་བཅས་ཀྱིས་དེ་རིང་མི་མང་གི་བསམ་ཚུལ་བསྡུ་རུབ་ཀྱི་ལས་འགུལ་འདི་སྤེལ་རྒྱུ་ལས་ཐབས་གཞན་མེད་སྟབས་རེ་འདུན་དོན་ཚན་གཤམ་གསལ་ཐོག་མང་ཚོགས་ཀྱི་མཚན་རྟགས་བསྡུ་རྒྱའི་ལས་འགུལ་འདི་སྤེལ་བ་ཡིན། གཞི་རིམ་མི་མང་གི་དགོས་འདུན་ནི། དང་པོ། ཡིག་ཆ་ཨང་༣༩ པར་གྲོས་ཚོགས་སུ་འཁྱེར་ཡོང་མཁན་སྤྱི་འཐུས་དེ་དག་གིས་བཟང་སྤྱོད་ཀྱི་ ཐོག་ནས་དགོངས་ཞུ་བྱ་དགོས། གཉིས་པ། སྤྱི་འཐུས་གྲོས་ཚོགས་འཕར་མ་ཞིག་འཕྲལ་དུ་བསྡུ་བསྐོང་གནང་དགོས་པ་དང་། ལས་འགན་གཙོ་བོ་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཀྱིས་གཙོས་གལ་ཆེའི་ཁྲིམས་འཆར་ཁག་བསྐྱར་བཅོས་གནང་དགོས། གསུམ་པ། སྐྱ་སེར་ཁྱད་མེད་ཀྱིས་ཆོས་ལུགས་སྤྱི་འཐུས་འདེམས་པའི་ཐོབ་ཐང་འདྲ་མཉམ་དགོས་པ་ཡིན།བཞི་བ། སྤྱི་འཐུས་རྒྱུན་ལས་ཀྱི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་ཐོབ་ཁུངས་བརྒྱ་ཆ་ལ་དཔག་པའི་རྒྱུན་ལས་བསྐོ་གཞག་གནང་དགོས་པ་བཅས། ལོ་༢༠༢༢ ཟླ་བ། ཚེས། ཉིན། གཞི་རིམ་མི་མང་གི་རེ་འབོད་དུ། Announcement of public signature petition campaign Request for the attention of all the brothers and sisters of all three provinces who live across the globe. Several MPs of 17th Assembly snubbed the direction of His Holiness by bringing the already scrapped Document No.39 in the assembly table again. Because of influential pressure from these MPs, Chief Justice to the Supreme Justice Commission was not able to appoint; could not even complete the appointment of Ministers to the administrative portfolios. Though the petition signed by general public, owing unable to process the necessary constitutional amendment, was submitted to the office of parliamentary secretariat in person, the honorable Speaker disowned the same, terming any such letter signed by hundred signatories a viral circulation – a reason that is in total contravention of logic which disregards the direction of the His Holiness like sword cut. When requested, at a time when we the public are in a very powerless-helpless state, to give the whatever decision of the Speaker in writing, there had no any response. We too as the citizens had to hung our head in shame to the fact of honorable Speaker’s failure to give the written statement of what he said verbally. Though we approached the parliamentary secretariat office at least six times in order to get the appeal call of public officially owned by parliament, all the efforts went vain. On 7th November 2022, though an opportunity to see the Speaker/Deputy Speaker was offered, the two were too busy. Since the honorable Speaker ignored and insulted the appeal of public, calling it “The Art of Crying” and didn’t response properly, we are left with no other choice other than initiating this Signature Campaign movement on the following listed points: The call of general public are: 1) The MPs who bring the Document 39 again in Assembly should resign on moral grounds. 2) Should call an extra (parliamentary) assembly session immediately, in which, primarily should amend provision that governs the eligibility criteria for the appointment of Chief Justice and other related important provisions. 3) All layman should have equal voting right to elect religions MPs according to registered sect 4) The appointment of the religious MPs in the Standing Committee should be in proportionate to the percentage count of religious MPs with relate to the total numbers of MPs. November, 13, 2022
  •  -
  • Should be Empty: