དྲགཔ་དྲགཔ་མཁས་པའི་ཐོ་བཀོད་བྲི་ཤོག Riddle Quiz Registration
ཐོ་བཀོད་ཚུལ་མཐུན་སྦེ་རྐྱབ་གནང་།
༉ དང་ཕུ་དུས་རྒྱས་ལས་དར་ཁྱབ་ཡོད་པའི་ དྲགཔ་དྲགཔ་མཁསཔ་ཟེར་ ཕར་ལོགས་མའི་དབངཔོ་དཔྱད་དེ་ བློ་རིག་མཁས་ཧིང་ལྟ་ནིའི་སྲོལ་འདི་ ཉམས་སག་ས་གུར་ལྷོད་སོ་ནུག ཨིན་རུང་ང་གིས་ནཱ་ཧིང་ མི་སྡེ་བརྡ་བརྒྱུད་ Telegram Group ནང་སྦེ་འགོ་འདྲེན་འཐབ་ད། མི་ལ་ལུ་ཅིག་གིས་ འཕྲོ་མཐུད་དེ་ལཱ་སྐོར་སྒྲིག་ཚུགས་པ་ཅིན་ སྔར་གྱི་ལམ་སྲོལ་གཅིག་དར་ཁྱབ་གཏང་ཚུགས་པའི་ཁར། འདིའི་ནང་ལས་ཡང་ རིག་རྩལ་གོང་འཕེལ་གཏང་ནིའི་ཐབས་ལམ་དྲག་ཤོས་ཅིག་དང་། བརྗེད་ཐོ་གསལ་ནི་ལུ་ ཧེང་སྐལ་ར་ཕན་ཐོགས་འདུག་ཟེར་ ཁ་ལྟེམ་ལྟེམ་འབད་ནི་འདི་གིས་ ད་རུང་ཡང་འགོ་འདྲེན་འཐབ་ནི་སྦེ་ཨིན།
དེ་ཡང་གཙོ་བོ་ར་གཞོན་ཅུང་ཆ་ཁྱབ་ཀྱིས་ སྔར་སྲོལ་ལམ་ལུགས་ལུ་ དང་འདོད་བསྐྱེད་བཅུག་ནི་དང་། རང་སོའི་རིག་རྩལ་ཡར་དྲགས་གཏང་ནིའི་དོན་ལུ་ཨིན་རུང་། རྒན་ཤོས་ཆ་ཁྱབ་ཀྱིས་ཡང་ གྲས་ཁར་གཏོགས་རུང་ཁྱད་མེད། ག་ཅི་སྨོ་ཟེར་བ་ཅིན་ ཐུགས་བག་གཡེང་ཤོརཝ་ད་ བརྗེད་ཐོ་གསལ་ནི་ལུ་ཕན་ཐོགས་འོང་ཟེར་མནོ་ཡི།
སྒྲིག་གཞི།
དོན་ཚན་གཅིག་གུར་ ཕར་ལོགས་མའི་དབངཔོ་དཔྱད་ནིའི་དོན་ལུ་ ཨིནམ་མེནམ་གི་ལན་ཡིག་ཐོག་ལུ་བཀོད་དེ་ཡོད་མི་འདི་ དབྱེ་ཁག་རེ་ལུ་ མདུད་ཕོད་འཁྱོལ་ནིའི་དུས་ཚོད་སྐར་ཆ་༣༠ལས་བརྒལ་ཏེ་མེད་ནི་འདི་གིས་ ཐང་ཁུག་ཕུད་དགོ།
ཡིག་ཐོག་གི་དྲི་བ་༢༠ལྷགཔ་ཅིག་དང་། དེ་ནང་ལུ་ལན་གདམ་ཁ་༣ལས་ལྷག་སྟེ་འཐོན་འོང་།
ངག་ཐོག་ལུ་དྲགཔ་དྲགཔ་མཁས་པའི་ལཱ་སྐོར།
དྲགཔ་དྲགཔ་མཁསཔ་འགོ་བཙུགས་ཏེ་ དྲི་བ་བཀོདཔ་ཅིག་ ག་མགྱོགས་གུ་མགྱོགས་རྐྱབ་སྟེ་ བློ་གི་མདུད་ཕུད་འཁྱོལ་ཚུགས་མི་འདི་ལུ་ཆ་བཞག་ནི། ག་ཅི་སྨོ་ཟེར་བ་ཅིན་ རེ་ཚེ་སྐབས་ མི་གཉིས་དང་གསུམ་གྱིས་ ལན་ཐད་རི་སྦ་རི་སྦེ་ཕོག་རུང་ ག་མགྱོགས་པའི་ཐང་ཁར་ཨིན།
༡༽ Telegram སྡེ་ཚན་ནང་སྦེ་ གཟའ་ཟླཝ་ཨ་རྟག་ར་ ཕྱི་རུ་ཆུ་ཚོད་༧ ལུ་ འགོ་འདྲེན་འཐབ་ནི་ཨིན།
༢༽ དྲི་བ་དང་པའི་ལན་ཕོག་མི་ལུ་ དྲི་བ་གཉིས་པ་བཀོད་དེ་ དུས་ཡུན་སྐར་མ་གཅིག་བྱིད་སོང་རུང་། སྐད་བ་མེནམ་འབུང་ཡང་བཏོན་ནི་མེད་པ་ཅིན་ བློ་གི་ མདུད་ཕུད་འཁྱོལ་ནིའི་གདུང་ཁ་སྤྱིགཔ་ཨིན། ཨིན་རུང་ལན་ཕོག་མི་འདི་ལུ་ དྲི་བ་གསུམ་པའི་གོ་སྐབས་ཡོད།
༣༽ དྲི་བ་དང་པ་དང་གཉིས་པའི་ལན་ཕོག་རུང་ མཇུག་གི་དྲི་བ་གི་ལན་ཀྲིག་ཀྲི་སྦེ་མ་ཕོག་པ་ཅིན་ དགའ་ཚོར་གྱི་གསོལ་ར་སྤྱིག་བཀོཝ་ཨིན།
༤༽ དྲི་བ་གསུམ་ཆ་རའི་ལན་ འོས་ལྡན་ལྡན་སྦེ་ཕོག་མི་འདི་ ཤེས་ལྕོགས་མཁས་པའི་མིང་གཏམ་འཐོབ་ཨིནམ་ལས་ ཏི་རུ་༣༠༠ གནས་པའི་རྩིས་ཤོག་གི་གསོལ་ར་འཐོབ་ཨིན།
༥༽ བདུན་ཕྲག་རེ་ལུ་ དོན་ཚན་རེ་གདམ་ཁ་རྐྱབ་ནི་ཨིནམ་མ་ཚད་། བདུན་ཕྲག་ཤུལ་མམ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་དོན་ཚན་འདི་ ད་རེས་ཀྱི་བདུན་ཕྲག་ནང་ལས་ དམངས་ཁར་གསལ་བསྒྲགས་འབད་ནིའི་རྩིས་ཨིན་རུང་ རེ་ཚེ་སྐབས་དྲི་བ་ཅི་རིགས་སྣ་ཚོགས་ཡང་འཐོན་འོང་།
དྲགཔ་དྲགཔ་མཁས་པའི་གྲངས་སུ་ འཛུལ་འཐུས་ཏི་རུ་ ༣༠༠ བཙུགས་ཏེ་ ཐོ་བཀོད་རྐྱབ་ད་པ་ཅིན་ ཟླཝ་གཅིག་འཐུས་མི་ངོ་ཀེའི་གྲངས་སུ་བརྩི་ནི་ཨིན།
དེ་ཡང་ཚར་༤ འགོ་འདྲེན་འཐབ་འོང་། དེ་འབདཝ་ད་ ཡིག་ཐོག་གི་ནང་ གསོལ་ར་ཐོབ་མི་ཚུ་གིས་ བདུན་ཕྲག་ཤུལ་མ་ལས་ གྲས་ཁར་གཏོགས་ནིའི་གོ་སྐབས་མེད། ཨིན་རུང་བདུན་རིམ་གྱི་ངག་ཐོག་གི་ནང་བཅའ་མར་གཏོགས་ཆོག
དགའ་ཚོར་གྱི་གསོལ་ར།
བདུན་ཕྲག་རེར་ ཡིག་ཐོག་གི་དྲག་ཤོས་འཐོན་མི་ལུ་ གསོལ་ར་ཏི་རུ་༡༠,༠༠༠ལས་ ༣༠༠ ཀྱི་བར་ན་ མི་ངོམ་༡༠ ལུ་འཐོབ།
བདུན་ཕྲག ངག་ཐོག་དྲག་ཤོས་འཐོན་མི་ལུ་ གསོལ་ར་སྦེ་ཏི་རུ་༣༠༠ གི་རྩིས་ཤོག་ཕུལ་ནི་ཨིན།
The will be organizing Riddles quiz competition for youth through Telegram on every Sunday from 7 pm on various topics. Participants
(verbal) who answer three questions correctly will be rewarded prizes as a gesture of appreciation. However, if a participant’s answer to the last question is incorrect, the opportunity will be given to the next participant. Therefore
, interested individuals can avail of these services for one month by depositing an entry fee of Nu. 300.
མིང་། Name
*
First Name
Last Name
ཐོ་བཀོད་ཟླ་ཚེས། Date of Registration
*
-
Month
-
Day
Year
Date
འགྲུལ་འཕྲིན་ཨང་གྲངས། Number
*
ཐོ་བཀོད་ཀྱི་འཐུས་ཏི་རུ་༣༠༠ འབྲུག་དངུལ་ཁང་གི་རྩིས་ཁྲ་ཨང་༢༡༠༥༧༠༦༦༣ ནང་བཙུགས་ཞིནམ་ལས་ པར་བཏབ་སྟེ་སྐྱེལ་གནང་། Please need to deposit a registration fee of Nu 300 to BOB Account number 210570663 and Upload your Screen short into below
*
Browse Files
Drag and drop files here
Choose a file
Cancel
of
འ་ནི་གུར་ཨེབ་གཏང་། Submit
Should be Empty: